སྤུན་ཟླ་ཚོ། - དབྱངས་དང་ལེན་མཁན། - ཚེ་དབང་རྒྱལ་མཚན། PUNDATSO - Tsewang Gyaltsen
Автор: Tsewang Gyaltsen
Загружено: 2024-03-10
Просмотров: 240
Описание:
Calling for Diligence, Unity, Moving forward & Concentration.
Composer / Singer- Tsewang Gyaltsen
Music Arranger - Amit Dai
Recording /Mixed- Deepak Lama
Pulse Recording Studio - Pokhara, Nepal
/ jmak6jgegeyslb7x6
/ unruzcymtxjla6hd6
གདུང་དྲུག་རིགས་ལས་མཆེད་པའི། ཆོལ་གསུམ་བོད་རིགས་སྤུན་ཟླ།
སྤུན་ཟླའི་འདུ་ཤེས་ཡོད་ན། ནུས་པའི་རྨང་གཞི་དེ་ཡིན།
རྩ་བའི་བླ་མའི་བཀའ་སློབ། མ་བརྗེད་སྙིང་ལ་བཅངས་ནས།
བཀའ་གསུང་ཅི་སྒྲུབ་ཞུ་ན། བསྙེན་བཀུར་བཟང་ཤོས་དེ་ཡིན།
བོད་ཀྱི་བདེན་པའི་ལོ་རྒྱུས། འཆི་བའི་སྲོག་ལས་ཐུག་ཀྱང་།
སྨྲ་བའི་བློ་སྟོབས་ལྡན་ན། མི་རིགས་དཔའ་རྒོད་ཁྱེད་ཡིན།
ཧུར་བརྩོན་གྱིས། སྤུན་ཟླ་ཚོ།
འཆམ་མཐུན་གྱིས། སྤུན་ཟླ་ཚོ།
མདུན་དུ་བསྐྱོད། སྤུན་ཟླ་ཚོ།
བློ་རྩེ་སྒྲིམ། སྤུན་ཟླ་ཚོ།
བོད་ཀྱི་ཕ་མེས་གོམས་གསོལ། ཆོས་དང་རིག་གཞུང་བཟང་པོ།
མི་ཉམས་རྒྱུན་འཛིན་ཐུབ་ན། འོས་འགན་མཆོག་ནི་དེ་ཡིན།
ཐུ་མིས་དཀའ་སྤྱད་མཛད་ལས། བྱུང་བའི་སྐད་དང་ཡི་གེ།
རྒྱུན་སྤྱོད་གཅེས་འཛིན་གནང་ན། མིག་དཔེ་བཟང་ཤོས་དེ་ཡིན།
སྤུན་ཟླའི་ནང་ཁུལ་མཐུན་འབྲེལ། དཀྲུགས་མཁན་དགྲ་བོ་ངན་པ།
ཉེན་སྲུང་བཀག་འགོག་ཐུབ་ན། མི་རིགས་དཔའ་བོ་ཁྱེད་ཡིན།
ཧུར་བརྩོན་གྱིས། སྤུན་ཟླ་ཚོ།
འཆམ་མཐུན་གྱིས། སྤུན་ཟླ་ཚོ།
མདུན་དུ་བསྐྱོད། སྤུན་ཟླ་ཚོ།
བློ་རྩེ་སྒྲིམ། སྤུན་ཟླ་ཚོ།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: