བོད་ཀྱི་ནད་པ་རོལ་ཚོགས། - ལྷ་ས། Bod Kyi Nepa Roltsok - Lhasa (Audio)
Автор: བོད་གཞས། Tibetansongs
Загружено: 2023-05-06
Просмотров: 1001
Описание:
བསྐལ་བ་གྲངས་མེད་ལ་བསགས་པའི་སྡིག་ཉེས་ཀྱི་ཕུང་བོ་ཁུར་ཏེ
སྲིན་མོའི་སྙིང་ཁ་ན་ཆགས་པའི་གཙུག་ལག་ཁང་གི་གྱང་ངོས་བརྒྱུད་དུས
ཡ་ཐོད་ཀྱི་མིག་འབྲས་བཀོག་པའི་སྐུ་དྲག་གི་རྣམ་ཤེས་ལ་འཕྲད་ཚེ
གཡོལ་ནས་འགྲོའམ་བདེ་མོ་ཞེས་འཚམས་འདྲི་ཞུ་འོས
ལྷ་ས་ ལྷ་ས་ ལྷ་ས་ ཆར་བའི་གྲོང
རེ་བཞག་རྩ་བ་ནས་མེད་པའི་དུས་རབས་གཅིག་སྐྱོ་སྣང་གིས་བརྒལ་ཏེ
མཚན་ཆར་ཟམ་ཟམ་གྱིས་བརླན་པའི་བར་སྐོར་གྱི་སྲང་ལམ་བརྟོལ་དུས
ཁ་ངོ་གཟན་གྱིས་བཏུམས་པའི་སེར་དམག་གི་དཔུང་དང་ཐུག་ཚེ
སྐུང་ནས་འདུག་གམ་འཚབ་འཚུབ་ངང་མཇལ་ཁ་ཞུ་འོས
ལྷ་ས་ ལྷ་ས་ ལྷ་ས་ འཁྲུལ་བའི་གྲོང
སྟོང་མཆོད་མེ་ཏོག་གི་ཕྲེང་བ་ནམ་མཁའི་ཁྱོན་དུ་བཙུགས་ཏེ
སྒྱུ་མའི་ཤིང་རྟ་ལ་བསྡད་ནས་པོ་ཏ་ལའི་ཐང་ཆེན་བརྒལ་དུས
སྐྱིད་ཆུའི་དྲམ་གཞུང་དུ་ལུས་པའི་མི་དཔོན་གྱི་བེམ་པོ་མཐོང་ཚེ
རྣམ་རྟོག་ངང་བསྐྱུར་རམ་འོས་འཚམ་གྱི་འདས་མཆོད་བསྒྲུབ་འོས
ལྷ་ས་ ལྷ་ས་ ལྷ་ས་ བཟི་བའི་གྲོང་ཁྱེར
#thetibetpatient #bodkyineparoltsok #tibetansong2023 #tibetansong
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: