བོད་ཀྱི་ནད་པ་རོལ་ཚོགས། - གནམ་ལ་དྲིས་པ། Bod Kyi Nepa Roltsok - Nam La Dripa (Audio)
Автор: བོད་གཞས། Tibetansongs
Загружено: 2023-05-06
Просмотров: 1823
Описание:
རྒྱུ་འབྲས་མིན་པའི་དམག་འཁྲུག་གི་ཁྲོད་དུ
ཁྱོད་ནི་ཆབ་འབངས་ཡིན་ནམ་དྲག་དམག་ཡིན
འཁྱེར་མི་ཐུབ་པའི་རྒྱུ་ནོར་གྱི་སྔུན་དུ
ཁྱོད་རང་ཕྱུག་པོ་ཡིན་ནམ་དབུལ་བོ་ཡིན
བློས་མི་ཐོངས་པའི་གྱེས་བྲལ་གྱི་མདུན་དུ
ཁྱོད་ནི་འོང་མི་ཡིན་ནམ་འགྲོ་མི་ཡིན
བསྒྱུར་མི་ཐུབ་པའི་ཆོས་ཉིད་ཀྱི་ཐད་དུ
ཁྱོད་ནི་རྗེ་བོ་ཡིན་ནམ་གཡོག་པོ་ཡིན
གཡར་བའི་ལུས་པོ་ཕྱིར་ཁྱོད་ལ་བྱིན་ཆོག
གཡར་བའི་བརྩེ་དུང་་ཕྱིར་ཁྱོད་ཀྱིས་འཁྱེར་ཆོག
འཇིག་རྟེན་འདི་རུ་ཞག་མལ་དུ་ཡོང་མོད
ཉལ་ཁྲི་གཅིག་ནས་ལོ་འགའ་ལ་གཉིད་སོང
གནས་ལུགས་ཟེར་བ་ཕྱིར་ཁྱོད་ལ་བྱིན་ཆོག
རྒྱལ་ཁ་ཟེར་བ་ཕྱིར་ཁྱོད་ཀྱིས་འཁྱེར་ཆོག
གནས་དུས་འདི་ལ་རྩེད་མོ་རུ་ཡོང་མོད
ལྟད་མོ་ཁོ་ནས་མི་ཚེ་ཕྱེད་ཟད་སོང
བརྗེད་མི་ཐུབ་པའི་ཕ་ཡུལ་གྱི་པང་དུ
ཁྱོད་ནི་རང་མྱི་ཡིན་ནམ་གཞན་མྱི་ཡིན
བསྒྱུར་མི་བཏུབ་པའི་ལས་དབང་གི་ཐད་དུ
ཁྱོད་ནི་དཔའ་བོ་ཡིན་ནམ་སྡར་མ་ཡིན
བརྗོད་མི་ཐུབ་པའི་ཚོར་བའི་སྔུན་དུ
ཁྱོད་ནི་གླེན་པ་ཡིན་ནམ་ལྐུགས་པ་ཡིན
གསལ་མི་ནུས་པའི་མཚན་སྨག་གི་ནང་དུ
ཁྱོད་རང་ཟླ་འོད་ཡིན་ནམ་སྐར་མདའ་ཡིན
གཡར་བའི་ལུས་པོ་ཕྱིར་ཁྱོད་ལ་བྱིན་ཆོག
གཡར་བའི་བརྩེ་དུང་་ཕྱིར་ཁྱོད་ཀྱིས་འཁྱེར་ཆོག
འཇིག་རྟེན་འདི་རུ་ཞག་མལ་དུ་ཡོང་མོད
ཉལ་ཁྲི་གཅིག་ནས་ལོ་འགའ་ལ་གཉིད་སོང
གནས་ལུགས་ཟེར་བ་ཕྱིར་ཁྱོད་ལ་བྱིན་ཆོག
རྒྱལ་ཁ་ཟེར་བ་ཕྱིར་ཁྱོད་ཀྱིས་འཁྱེར་ཆོག
གནས་དུས་འདི་ལ་རྩེད་མོ་རུ་ཡོང་མོད
ལྟད་མོ་ཁོ་ནས་མི་ཚེ་ཕྱེད་ཟད་སོང
གཡར་བའི་ལུས་པོ་ཕྱིར་ཁྱོད་ལ་བྱིན་ཆོག
གཡར་བའི་བརྩེ་དུང་་ཕྱིར་ཁྱོད་ཀྱིས་འཁྱེར་ཆོག
འཇིག་རྟེན་འདི་རུ་ཞག་མལ་དུ་ཡོང་མོད
ཉལ་ཁྲི་གཅིག་ནས་ལོ་འགའ་ལ་གཉིད་སོང
གནས་ལུགས་ཟེར་བ་ཕྱིར་ཁྱོད་ལ་བྱིན་ཆོག
རྒྱལ་ཁ་ཟེར་བ་ཕྱིར་ཁྱོད་ཀྱིས་འཁྱེར་ཆོག
གནས་དུས་འདི་ལ་རྩེད་མོ་རུ་ཡོང་མོད
ལྟད་མོ་ཁོ་ནས་མི་ཚེ་ཕྱེད་ཟད་སོང
#thetibetpatient #bodkyineparoltsok #tibetansong2023 #tibetansong
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: