New Tibetan Song 2022 | DRANSEM | Sogshod Dhargye | Official Video | དྲན་སེམས། སོག་ཤོད་དར་རྒྱས།
Автор: Dhargye Tibet Tune
Загружено: 2022-07-05
Просмотров: 13319
Описание:
དྲན་སེམས།
ཚིག སོག་ཤོད་དར་རྒྱས།
གདངས། བདུད་བྷེ།
གཞས་པ། སོག་ཤོད་དར་རྒྱས།
ང་བུ་ཆུང་ས་མཐའི་ཡུལ་ན་ཡོད།།
སེམས་བསམ་པ་ཕ་ཡུལ་ཕྱོགས་ལ་ཡོད།།
ཕུ་ཡ་གིའི་གངས་རི་མཐོང་ཐེངས་རེར།།
སྤུན་ཁྱེད་ཚོའི་ལྷད་མེད་དུང་སེམས་དྲན།།
ང་བུ་ཆུང་རྒྱ་གར་ཡུལ་ན་ཡོད།།
སེམས་བསམ་པ་ཁ་བ་ཅན་ལ་ཡོད།།
ནགས་སྔོ་ལྗང་ལྗོན་ཤིང་མཐོང་ཐེངས་རེར།།
གྲོགས་ཁྱེད་ཚོའི་འགྱུར་མེད་རང་གཤིས་དྲན།།
ང་བུ་ཆུང་ཨ་རིའི་ཡུལ་ན་ཡོད།།
སེམས་བསམ་པ་གངས་ཅན་བོད་ལ་ཡོད།།
མཐོ་ཐོག་བརྩེགས་ཁང་ཆེན་མཐོང་ཐེངས་རེར།།
ཁོད་ཡངས་པའི་སྤང་ལྗོངས་སྔོན་མོ་དྲན།།
ང་བུ་ཆུང་ཡུ་རོབ་གླིང་ན་ཡོད།།
སེམས་བསམ་པ་མཐོ་སྒང་བོད་ལ་ཡོད།།
མདོག་དཀར་ནག་མི་རིགས་མཐོང་ཐེངས་རེར།།
གཞུང་བཟང་བའི་བོད་རིགས་སྤུན་ཟླ་དྲན།།
"Dransem"
Lyrics: Sogshod Dhargye
Composer: Dhubey (Tibet)
Music and Recording : Rabin ( Alfa A/V Studio) Nepal
Camera and Video Editing: Sogshod Studio
Youtube Link:
https://www.youtube.com/channel/UCrx0...
Face Book:
https://www.facebook.com/sogshod.dhargye
Instagram Link:
https://www.instagram.com/sogshod
Facebook Page Link:
https://www.facebook.com/sogshoddhargye1
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: