New Tibetan Song 2025 | Gunglo Gyayi | Official Video | Sogshod Dhargye | སོག་ཤོད་དར་རྒྱས།
Автор: Dhargye Tibet Tune
Загружено: 2025-05-04
Просмотров: 4124
Описание:
དགུང་ལོ་བརྒྱ་ཡི་གསེར་ཞལ་མཇལ།
ཚིག ཏི་སེའི་བུ།
གདངས། སོག་ཤོད་དར་རྒྱས།
གཞས་པ། སོག་ཤོད་དར་རྒྱས།
དེ་རིང་ང་ལ་གཏམ་བཟང་ཡོད།།
གངས་ཅན་མེས་པོའི་ཤེས་རིག་མཛོད།།
སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི།།
དགུང་ལོ་བརྒྱ་ཡི་གསེར་ཞལ་དེ།།
མཇལ་བའི་རྟེན་འབྲེལ་རང་འགྲིག་རེད།།
ཨེ་མ་དེ་འདྲའི་སྐལ་པ་བཟང་པོ།
རིགས་མཐུན་གྱི་ཕུ་ནུ་མིང་སྲིང་ཚོ།
བཀྲ་ལ་ཤིས་པའི་ཁ་བཏགས་མཉམ་དུ་འབུལ།
དོན་འགྲུབ་པའི་སྨོན་ལམ་དེ་རིང་འདེབས།
དེ་རིང་བཀྲ་ཤིས་ཉི་མ་ལ།།
བརྒྱད་ཁྲི་བཞི་སྟོང་བོན་གྱི་བདག །
བརྒྱུད་གསུམ་མཛོད་འཛིན་བླ་མ་རྗེའི།།
དགུང་ལོ་བརྒྱ་ཡི་ཚེ་དབང་དེ།།
ཞུ་བའི་རྟེན་འབྲེལ་རང་འགྲིག་རེད།།
ཨེ་མ་དེ་འདྲའི་སྐལ་པ་བཟང་པོ།
ས་སྟེང་གི་གཡུང་དྲུང་སྤུན་གྲོགས་ཚོ།
ལོ་ངོ་བརྒྱ་ཡི་བྱིན་རླབས་མཉམ་དུ་ཞུ།
ཕྱྭ་གཡང་གི་དངོས་གྲུབ་དེ་རིང་ལེན།
དེ་རིང་འཛོམས་པ་ཡག་མོ་ལ།།
ཏི་སེ་གངས་ཀྱི་དབུ་ལོ་ཅན།།
རྒྱལ་བ་སྨན་རིའི་ཡོངས་འཛིན་མཆོག །
དགུང་ལོ་བརྒྱ་ཡི་འཁྲུངས་སྐར་དེ།།
བསུ་བའི་རྟེན་འབྲེལ་རང་འགྲིག་རེད།།
ཨེ་མ་དེ་འདྲའི་སྐལ་པ་བཟང་པོ།
ལྷན་འཛོམས་ཀྱི་བུ་དང་བུ་མོ་ཚོ།
དགའ་འཛོམས་སྐྱིད་ཀྱི་ཞབས་བྲོ་མཉམ་དུ་འཁྲབ།
སྤྲོ་སེམས་ཀྱི་གླུ་དབྱངས་དེ་རིང་ལེན།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: