Tibetan Song | ཡིད་ཆེས། | Trust | བློ་བཟང་ཚེ་བརྟན། | Lobsang Tsetan
Автор: Tibetan Music House
Загружено: 2024-03-25
Просмотров: 5883
Описание:
#tibet #tibetan #tibetanmusic #tibetansong #karaoke #2024 #lyrics #lyricvideo #lovesong #lotse
གཞས། ཡིད་ཆེས།
ལེན་མཁན། བློ་བཟང་ཚེ་བརྟན།
སྤྱན་ཞིག་བཙུམ་གནང་དང་ང་ཡི་ཡིད་འཕྲོག་ལགས།
ངས་ཁྱེད་རང་བརྩེ་དུང་གི་ལྡུམ་རའི་ནང་ཁྲིད་ནས།
བུ་ངའི་སྙིང་གཏམ་ཡོངས་སུ་ཁྱེད་ལ་བཤད།
ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་རོགས་གནང་།
གཅིག་བྱས་ན་ང་ཡི་ལས་རེད་བསམ་གྱི་འདུག
ཚེ་སྔོན་མའི་བསོད་ནམས་ཀྱང་་མེད་འགྲོ་བསམ་གྱི་འདུག
ང་ཡི་བརྩེ་བའི་བུ་མོ་ལགས།
ངས་ཁྱེད་ལ་བཅངས་པའི་བརྩེ་བ་ལ་འགྱུར་བ་མེད།
ང་ཡི་དགའ་བའི་བུ་མོ་ལགས།
ང་གཉིས་ཀྱི་ལས་ལ་བར་ཆད་མི་ཡོང་བ་ཤོག
ངས་བཏང་བའི་གཞས་འདི་ལ་གསན་དང་ཡིད་འཕྲོག་ལགས།
ངས་ཁྱེད་ལ་བཅངས་པའི་བརྩེ་བ་དེ་མཚོན།
ང་གཉིས་ཕན་ཚུན་ཐུག་པ་ནས་ཟུང་།
ཚེ་འདི་ལ་བདེ་སྐྱིད་ཀྱི་རྩ་བ་ཞིག་ཚུགས།
ཉིན་མཚན་མེད་པར་ངས་ཁྱེད་རང་དྲན་ནས་བསྡད།
མི་ཚེ་འདིའི་ནང་ཁྱེད་དང་བྲལ་ཐབས་མི་འདུག
ང་ཡི་བརྩེ་བའི་བུ་མོ་ལགས།
ངས་ཁྱེད་ལ་བཅངས་པའི་བརྩེ་བ་ལ་འགྱུར་བ་མེད།
ང་ཡི་དགའ་བའི་བུ་མོ་ལགས།
ང་གཉིས་ཀྱི་ལས་ལ་བར་ཆད་མི་ཡོང་བ་ཤོག
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: