Nyingjemo La སྙིང་རྗེ་མོ་ལ།། Tibetan song
Автор: Mason Brown
Загружено: 2022-06-22
Просмотров: 375
Описание:
Nyingjemo La (How Beautiful!)
This song is traditional in Langtang and Yolmo, but I learned from the great Tsering Gyurme, who used these words:
གཞས་སྙིང་རྗེ་མོ་ལ།།
ཛོ་མོ་ལ་སྤང་གི་སྟེང་ལ།
སྙིང་རྗེ་མོ་ལ།
ཛོ་མོའི་སྤུ་སྐྲ་ཡག་ག
དེ་འདྲའི་ཛོ་མོ་ཡག་ག
སྙིང་རྗེ་མོ་ལ།
དཀར་ཆུ་འོ་མ་ཡག་ག
དཀར་ཡུལ་ལ་དཀར་སངས་ནང་ལ།
སྙིང་རྗེ་མོ་ལ།
སེང་གེའི་འོ་མ་བླུག་ཡོད།
ཡིད་འཕྲོག་དར་མོ་གཅིག་གིས།
སྙིང་རྗེ་མོ་ལ།
འོ་ཕུད་བཞེས་རོགས་གནང་དང་།
དགའ་ལྡན་ལ་དབང་པོའི་རི་ལ།
སྙིང་རྗེ་མོ་ལ།
དར་ལྕག་བཙུག་རྒྱུ་བྱུང་ན།
དར་ཞིང་ཀོང་པོའི་རོང་ནས།
སྙིང་རྗེ་མོ་ལ།
འདྲེན་དགོས་བྱུང་ནས་དྲག་ག
རྒྱ་གར་ལ་ཤར་གྱི་རི་ལ།
སྙིང་རྗེ་མོ་ལ།
རྨ་བྱ་མང་པོ་འདུག་སྟེ།
རྒྱལ་པོའི་དབུ་ཏོག་རྙེད་པའི།
སྙིང་རྗེ་མོ་ལ།
རྨ་བྱ་གཅིག་ལས་མི་འདུག
སྐར་མ་ལ་བརྒྱ་ཡི་དཀྱིལ་ནས།
སྙིང་རྗེ་མོ་ལ།
པ་སངས་འདྲ་བ་མི་འདུག
བུ་མོ་བརྒྱ་ཡི་དཀྱིལ་ནས།
སྙིང་རྗེ་མོ་ལ།
ཁྱེད་རང་འདྲ་བ་མི་འདུག
པད་མའི་ལ་སྡུམ་རའི་ནང་ལ།
སྙིང་རྗེ་མོ་ལ།
མཛེས་མས་གླུ་དབྱངས་ལེན་གྱིས།
གླུ་དབྱངས་སྙན་རང་སྒྲ་ནི།
སྙིང་རྗེ་མོ་ལ།
མ་ཉན་རང་ཉན་ཐུག་སོང་།།
My translation:
"How Beautiful!"
The Dzomo on the meadow, how beautiful!
The Dzomo’s fur is wonderful
A Dzomo like that, how beautiful!
Dairy products are wonderful!
In the center of a pure white cup, how beautiful!
The lion’s milk is poured
By a ravishing beauty, how beautiful!
Please accept this offering of milk
On the sacred mountain of Ganden, how beautiful!
Should I get to plant a prayer flag
Even if I have to carry it all the way from Kongpo, how beautiful!
It doesn’t matter
On the eastern mountain of India, how beautiful!
There are many peacocks
In the king’s crown, how beautiful!
There is but one peacock [feather]
Amongst a hundred stars, how beautiful!
There is none like Venus
Amongst a hundred girls, how beautiful!
There is none like you
In a lotus garden, how beautiful!
A beautiful girl was singing
The sound was so sweet, how beautiful!
I couldn’t help but listen
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: