KangSol, Ritual of Purification & Offering (liberation rituals), Thordup & Sacred Cham Ritual Dance.
Автор: Shasana004
Загружено: 2026-02-20
Просмотров: 91
Описание:
༄༅། །ལོ་ལྟར་རྒྱལ་བའི་བསྟན་པ་རིན་པོ་སྤྱི་དང་སྒོས་སུ་གངས་ཅན་ལྗོངས་ཀྱི་མཉམ་མེད་བུ་རམ་ཤིན་པའི་ལུངས་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་དུ་རྒྱས་པ་དང་། བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར་༸གོང་ས་རྒྱལ་བ་ཡབ་སྲས་ཀྱི་དབུས་རིས་མེད་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བསྟན་འགྲོའི་དོན་འབད་མེད་ལྷུན་གྱི་འགྲུབ་པ་དང་། གདན་ས་འདི་མཚོན་རིས་མེད་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ནས། གངས་ཅན་ཆོས་ཀྱི་ཞིང་སར་༸རྒྱལ་བ་ཡབ་སྲས་གཉིས་གསེར་ཞལ་ལྷན་འཛོམས་ཀྱི་གཞིས་བྱེས་ཉི་མ་མྱུར་དུ་འཆར་བ་དང་། བསྟན་པའི་སྦྱིན་བདག་རྣམས་དཔལ་འབྱོར་མངའ་ཐང་རྒྱས་པ། ཡངས་པའི་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ནས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་འབྱོར་བའི་ཆེད་དུ། དོན་ལ་ས་གནས་བྱང་ཆུབ་སེམས་པ་བསྟན་འགྲོའི་དོན་དུ་དྲག་པོའི་ཚུལ་བཞེས་པ། བསྟན་བསྲུང་རྣམས་ལ་ལོ་དུས་གཏང་རག་དང་ཟླ་དུས་མཆོད་པ་ཕུལ་ཏེ། མདོ་ན་འགྲོ་བ་རྣམས་ཀྱི་བསམ་འབྱོར་ངན་པ་མྱུར་དུ་ཞི་སྟེ་བླ་ན་མེད་པའི་བྱངས་ཆུབ་ཆེན་པོ་ཐོབ་པའི་སླད་དུ། ༸སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ནས་དམ་ཅན་ཆོས་རྒྱལ་གྱི་སྒོ་ནས་བསྒྲལ་ཆོག་དང་ལྕགས་མཁར་གཏོར་སྒྲུབ་དང་གར་འཆམ་བཅས་ཉིན་གྲངས་ལྔའི་རིང་འཕགས་ཡུལ་གདན་ས་བཀྲ་ཤིས་ལྷུན་པོར་ཚོགས་བཞིན་པ། ༢༡༥༢ བོད་ཟླ་ ༡༢ ཚེས་ ༢༥ ཕྱི་མ་ནས་ ༢༩ བར།
Under the precious guidance of His Eminence the Abbot, Kyabje Zeekgyab Rinpoche, the monastic assembly is currently performing a five-day series of sacred rituals at Tashi Lhunpo Monastery, India.
The ceremonies include the Kangso - ritual of purification and offering (liberation rituals), Tordup, and the sacred Cham ritual dance — observed from the 11th Feb, 2026 - 16th Feb, 2026.
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: