Tibetan Song Saga Dawa By Chungkhi Dolma (Official Lyrics Video)
Автор: Karma Gyamtso
Загружено: 2021-05-23
Просмотров: 998
Описание:
ཚིག དུང་དཀར་ནམ་མཁའ།
དབྱངས ཏྲེ་ཧོར་དངོས་གྲུབ།
གཞས་མ ཆུང་སྐྱིད་སྒྲོལ་མ།
ས་ག་ཟླ་བ།
ཚིག དུང་དཀར་ནམ་མཁའ།
དབྱངས ཏྲེ་ཧོར་དངོས་གྲུབ།
གཞས་མ ཆུང་སྐྱིད་སྒྲོལ་མ།
སངས་རྒྱས་ཤཱཀྱ་ཐུབ་པ།
ལྕགས་སྤྲེལ་ས་ག་ཟླ་བའི།
དུས་བཟང་ཚེས་པ་བདུན་ལ།
བཀྲ་ཤིས་རྟགས་མཚན་མཉམ་དུ།
སྐུ་མཆོག་བལྟམས་པའི་དུས་རེད།
ཨ་་་་་་་་་། ཆོལ་གསུམ་བོད་པ་ཚོ།
དགེ་བ་འབུམ་དུ་འགྱུར་བའི་དུས་བཟང་འདིར།
བཅོས་མིན་དད་པས་དགེ་སྒྲུབ་བྱེད་ཞོར་དུ།
གཞན་ཕན་ལས་ལ་གང་ཐུབ་འབད་བརྩོན་བྱེད།
ཨ་་་་་་་་་། ས་ག་ཟླ་བ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བར།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
ཤིང་རྟ་ས་ག་ཟླ་བའི།
ཚེས་པ་བཅོ་ལྔའི་མཚན་མོར།
བྱང་ཆུབ་ཤིང་གི་མདུན་ནས།
གཡོ་མེད་ཏིང་འཛིན་བསྒོམས་པས།
མངོན་པར་སངས་རྒྱས་ཐོབ་སོང་།
ཨ་་་་་་་། ཆོལ་གསུམ་བོད་པ་ཚོ།
དགེ་བ་འབུམ་དུ་འགྱུར་བའི་དུས་བཟང་འདིར།
གཞན་སྲོག་བཅད་ནས་ཤ་ཁྲག་ཟ་བ་ལས།
དཀར་གསུམ་ཟས་ལ་རོལ་བཞིན་དགེ་སྒྲུབ་བྱེད།
ཨ་་་་་་་་་། ས་ག་ཟླ་བ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བར།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
ལྕགས་འབྲུག་ས་ག་ཟླ་བའི།
ཚེས་པ་བཅོ་ལྔའི་ཉིན་མོར།
རྩྭ་མཆོག་གྲོང་ལ་གཤེགས་ནས།
རྟག་འཛིན་འགྲོ་བ་ཡོངས་ལ།
མྱ་ངན་འདས་ཚུལ་བསྟན་སོང་།
ཨ་་་་་་་་་། ཆོལ་གསུམ་བོད་པ་ཚོ།
དགེ་བ་འབུམ་དུ་འགྱུར་བའི་དུས་བཟང་འདིར།
ཉམ་ཆུང་དུད་འགྲོའི་ཚེ་སྲོག་མི་འཕྲོག་པར།
མ་ཎི་ཡིག་དྲུག་འདོན་བཞིན་དཀར་ཟས་ཟ།
ཨ་་་་་་་་་་་། ས་ག་ཟླ་བ།
དུས་བཟང་གསུམ་འཛོམས་ཀྱི་ཟླ་བར།
ང་ཚོས་མཉམ་དུ་དཀར་ཟས་ལ་རོལ།
Thank Q For Watching
Please Don't Forget To Subscribe ⤵
Our Channel
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: