ཁ་འབབ་ཆུ་བོ་བཞིའི་མགོ་ཁུངས། Indus River Source
Автор: ས་ཁྲ་ནང་གི་བོད། TIBET MAP
Загружено: 2023-01-13
Просмотров: 3080
Описание:
རྡོ་རྗེ་གདན་གྱི་བྱང་གི་ཕྱོགས།།
རི་ནག་དགུ་བརྩེགས་ཕ་རོལ་ན།།
སྤོས་ངད་ལྡང་གི་ཚུར་རོལ་ན།།
མ་ཕམ་གཡུ་མཚོ་སྔོན་མོ་ཆགས།།
འགའ་རེས་མ་དྲོས་མཚོ་ཆེན་ཟེར།།
ཀླུ་རྒྱལ་མ་དྲོས་གཟི་ཅན་བཞུགས།།
རི་རྒྱལ་གངས་དཀར་ཏི་སེ་དང་།།
མཚོ་རྒྱལ་མ་ཕམ་གཡུ་མཚོ་གཉིས།།
འཛམ་བུ་གླིང་གི་ལྟེ་བ་ཡིན།།
སྲིད་པ་ཆགས་པའི་འགོ་མ་ཡིན།།
སྐྱེ་འགྲོའི་འབྱུང་སའི་ཡབ་ཡུམ་ཡིན།།
ཕྱོགས་བཞི་ལོགས་ནས་ཆུ་བཞི་འབབ།།
ནུབ་གླང་ཆེན་ཁ་ནས་སི་ཏ་འབབ།།
རྫ་རི་པདྨ་སྤུངས་འདྲའི་མདུན།།
གླང་ཆེན་འགྱིང་འདྲའི་རི་བོའི་ལྷོར།།
ཆུ་མིག་འཐུང་བ་རང་གྲོལ་ནས།།
རི་ནག་དགུ་བརྒྱུད་ནུབ་ལ་འབབ།།
ནུབ་ནས་གུག་སྟེ་ལྷོ་ལ་འབབ།།
བྱང་སེངྒེའི་ཁ་ནས་སིན་དྷུ་འབབ།།
བྲག་རི་མཁའ་འགྲོ་ཚོགས་འདྲའི་མདུན།།
སེངྒེ་འགྱིངས་འདྲའི་རི་བོ་ནས།།
མཚོ་བཞི་བཤགས་ཤིང་བྱང་ལ་འབབ།།
བྱང་ཤམ་བྷ་ལ་ནས་ལྷོ་ལ་འབབ།།
ཤར་རྟ་མཆོག་ཁ་ནས་པཀྵུ་འབབ།།
བྲག་དམར་རིན་ཆེན་སྤུངས་འདྲའི་མདུན།།
རྟ་མཆོག་འཛིན་གྱི་རི་བོའི་ཤར།།
གསེར་གྱི་བྱེ་མ་གཡུང་དྲུང་ནས།།
བོད་རུ་བཞི་བཤགས་ནས་ཤར་ལ་འབབ།།
ཤར་ནས་གུག་སྟེ་ལྷོ་ལ་འབབ།།
ལྷོ་རྨ་བྱའི་ཁ་ནས་གྷ་གྷར་འབབ།།
བྲག་རི་གཡུང་དྲུང་སྤུངས་འདྲའི་མདུན།།
རྨ་བྱ་བསྣོལ་བའི་རི་བོ་ནས།།
གངས་དགུ་བཤགས་ཤིང་ལྷོ་ལ་འབབ།།
ལྷོ་ནས་གུག་སྟེ་ཤར་ལ་འབབ།།
དེ་སྟོད་ཀྱི་ཁ་འབབ་ཆུ་བཞི་རེད།།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: