Key Moments from CTA’s Official 67th Tibetan National Uprising Day CommemorationCTA 10th march
Автор: Tibet Radio བོད་ཀྱི་རླུང་འཕྲིན།
Загружено: 2026-03-10
Просмотров: 645
Описание:
གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ནང་དོན་སྙིང་བསྡུས།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་དྷ་རམ་ས་ལར། ཨ་རི་དང་། ཡུ་རོབ། ཅེག་སྤྱི་མཐུན་རྒྱལ་ཁབ། འཇར་མན། ཨི་ཊ་ལི། ལི་ཐ་ཝི་ཡ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ ༣༢ ལྷག་ནས་གྲོས་ཚོགས་འཐུས་མི་དང་། གསར་འགོད་པ། ལས་འགུལ་བ་སོགས་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་བོད་མི་སྟོང་ཕྲག་ལྷན་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་གཞུང་འབྲེལ་གྱི་སྲུང་བརྩི་ཞུས་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་འཇར་མན་གྲོས་ཚོགས་འཐུས་མི་མའེ་ཀལ་བྷ་རན་ཌི་མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་གཞོན་ འཇི་རི་ཨོ་བྷར་ཧྥོལ་ཛར་མཆོག ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ ཌོག་ཊར་ཧན་སེ་གྷེརཊ་ཕོ་ཋེ་རཱིང་མཆོག་རྣམ་པ་གསུམ་དབུ་བཞུགས་ཀྱིས། བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་ནག་གིས་ཇུས་གཏོགས་བྱེད་མི་ཆོག་པ། པཎ་ཆེན་རིན་པོ་ཆེས་མཚོན་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ནན་བཤད་གནང་སོང་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གིས་བོད་ནང་གི་གཏན་འཇགས་སློབ་གྲྭ་བརྒྱུད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་དང་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པར་རྒྱལ་སྤྱིའི་ངོས་ནས་ཉེས་ཆད་འགེལ་དགོས་པའི་འབོད་སྐུལ་སོགས་ཞུས་གནང་སོང་། །
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: