༼གང་བློ་མ༽ | मञ्जुश्री प्रार्थना | Gangloma | Manjushri Prayer | ཨོཾ་ཨ་ར་པ་ཙ་ན་དྷི |
Автор: Sambhota Lipi Online सम्भोट लिपि अन्लाईन
Загружено: 2021-06-04
Просмотров: 8628
Описание:
start: 0:41
start with Tune: 2:20
End: 3:50
འཇམ་དབྱངས་བསྟོད་པ་གང་བློ་མ།
བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །
གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་
བ། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་
གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་
འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་
གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌།
།འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་
སྒྲོག་འསྒྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་
ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།
།གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་
རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་
རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །
ཨོཾ་ཨ་ར་པ་ཙ་ན་དྷཱི༔
བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་
མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོསགཞུང་
ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །
།གང་ཚེ་བལྟ་བར་འདོད་པའམ།
།ཅུང་ཟད་དྲི་བར་འདོད་ན་ཡང་།
།མགོན་པོ་འཇམ་དབྱངས་དེ་ཉིད་ནི།
།གེགས་མེད་པར་ཡང་མཐོང་བར་ཤོག
།ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི།
།སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར།
།ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ།
།བདག་གི་སྤྱོད་པའང་དེ་འདྲར་ཤོག
#मञ्जुश्री_प्रार्थना
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: