Part 296 གསུམ་བཅུའི་དུས་དྲན་ཐེངས་ 54 དང་། སྐབས་དེའི་ལས་འགུལ་གྱི་ངར་ཤུགས་དྲན་གསོ།
Автор: གནམ་འོག་གི་གསར་འགྱུར། News Under the Sky
Загружено: 2026-03-12
Просмотров: 137
Описание:
_ _ མི་ལོ་བཅུ་གསུམ་གྱི་རྗེས་སུ། དེ་རིང་ 2026/3/11 ཉིན། དྲན་གསོ་དང་བཀའ་དྲིན་ཆེ་ཞུ་བའི་ཡིག་ཐུང་འདིའི་ནང་། དང་པོ། འདི་ནས་རྩིས་པའི་མི་ལོ་བཅུ་གསུམ་སྟེ། ( 2013/3/10 ) ལོ་དེའི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ སྲུང་བརྩི་ཞུ་སྐབས། ཕྲན་སེར་སྨད་བློ་དགའ་ཡིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེའི་གནས་རིམ་ཐོག་ནས། སྐབས་དེའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་ཐུན་མོང་གི་བསྒྲགས་གཏམ་དེ། ལས་འགུལ་གྱི་ཡུལ་དངོས་སུ་སྒྲོག་སྦྱང་ཞུས་པ་དྲན་གསོ། བསྒྲགས་གཏམ་དེའི་ནང་དོན་ལ་རྒྱལ་གཅེས་ཀྱི་ངར་ཤུགས་ལྡན་པ། སྐབས་དེའི་མི་རྗེ་སྲིད་སྐྱོང་འབུམ་རམས་པ་མཁས་དབང་བློ་བཟང་སེངྒེ་མཆོག་གི་ཐད་ཀའི་གཤམ་འོག་པ། རྡ་སའི་མི་མང་འདུ་འཛོམས་ཀྱི་བརྗིད་ཉམས། ད་ལྟ་བཞིན་མ་ཡིན་སྐབས་དེའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་དཔའ་ཉམས། མ་ཟད། ཐེངས་འདི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ རྡ་སར་སྲུང་བརྩི་ཞུས་པ་དེ། ཆེས་ཡ་ང་ཞིང་ཡིད་མུག་པ། ཤིན་ཏུ་གཟི་བརྗིད་ཉམས་པའི་སྐྱོ་སྣང་གི་གནས་བབ་དྲན་གསོ་ཞུ་རྒྱུ།
གཉིས་པ། མི་ལོ་བཅུ་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༢༠༢༦ ལོར། ( མཚན་ཞུ་བདེ་མེད་པ ) རྡ་སའི་མཐོ་རིམ་མི་སྣའི་ཁྲོད་ཀྱི་གྲོགས་མཆེད་གང་ཉིད་ནས། ཀུ་རེའི་ཁ་མཚར་མང་པོ་བསྔགས་བརྗོད་དང་བཅས། “ ཕོ་རྒོད་ཁྱེད་ཀྱིས་མི་ལོ་བཅུ་གསུམ་ཡར་སྔོན་གྱི་ཧ་ཅང་དྲན་གསོ་ཞུ་འོས་པ། མི་མང་གི་མདུན་གྲལ་དུ་ཐོན་ནས་ཚོགས་པ་ཁག་ལྔའི་བསྒྲགས་གཏམ་སྒྲོག་སྦྱང་གནང་པའི་བརྙན་པར་ཞིག ཁོ་བོས་དགའ་སྣང་ཆེན་པོས། སླར་ཡང་ཁྱེད་རང་ཉིད་ལ་མཁོ་སྤྲོད་ཞུ་ཐུབ་པ་དེ་ངས་ཀྱང་གཟི་བརྗིད་ཡིན་དྲན་གྱི་ཡོད། “ ཅེས། གལ་གནད་ཆེ་བའི་བརྙན་ཐུང་གཞན་ཁག་གཅིག་དང་ལྷན་བརྙན་པར་འདི་འགོ་མཇུག་ཚང་པ། ( མཆན - དེ་སྔ་ཕྲན་ལ་བརྙན་འདིའི་དུམ་ཚན་ཞིག་ལས་མེད ) མཁོ་སྤྲོད་གནང་པར། མཆེད་གྲོགས་ཁྱེད་ལ། བརྒྱུད་ལམ་འདི་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: