New Tibetan Song 2021 "Yeshi Norbu" Official MV Desang
Автор: WILDTIBETPICTURE བདག་མེད་བོད་ཀྱི་གློག་བརྙན།
Загружено: 2021-07-10
Просмотров: 8312
Описание:
Long Live His Holiness The Dalai Lama
མགོན་ཡིད་བཞིན་ནོར་བུ།
ཚིག་དང་གདངས། སོག་ཤོད་དར་རྒྱས།
ཞལ་མཇལ་ན་ཡིད་ལ་སྤྲོ་སྣང་འཕེལ།།
གསུང་ཐོས་ན་སེམས་ལ་ཞི་བདེ་ཡོང་།།
ཐུགས་ཤེས་ན་རང་ལ་བློ་རྒྱ་བསྐྱེད།།
མགོན་ཡིད་བཞིན་ནོར་བུའི་ཡོན་ཏན་རེད།།
ཨ་ཡ་རེ་ལོ། ཡིད་བཞིན་ནོར་བུ། ཀུན་གྱི་མགོན་སྐྱབས།
སྐུ་གསུང་ཐུགས་ཀྱི་ཐུན་མིན་ཡོན་ཏན་ལ་བསྟོད།
སྲིད་བསྐྱངས་ནས་རྒྱལ་པོའི་རྣམ་པ་མཛད།།
ཆོས་གསུངས་ནས་བླ་མའི་རྣམ་ཐར་སྐྱོང་།།
བོད་འཇིག་ཉེན་ཅན་གྱི་དུས་ཚོད་ནང་།།
མགོན་བསྟན་འཛིན་རྒྱ་མཚོ་བཀའ་དྲིན་ཆེ།།
ཨ་ཡ་རེ་ལོ། བསྟན་འཛིན་རྒྱ་མཚོ། རྩ་བའི་བླ་མ།
ཆོས་སྲིད་གཉིས་ཀྱི་རླབས་ཆེན་མཛད་རྗེས་ལ་བསྟོད།
ཁྱེད་བཞུགས་ན་འཛམ་གླིང་ཞི་བདེ་ཡོང་།།
ཁྱེད་བཞུགས་ན་ཆོས་ལུགས་མཐུན་སྒྲིལ་ཡོང་།།
ཁྱེད་བཞུགས་ན་བོད་ལ་བདེ་སྐྱིད་ཡོང་།།
ཁྱེད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།།
ཨ་ཡ་རེ་ལོ། ཞི་བདེའི་དེད་དཔོན། འཛམ་གླིང་དབུ་ཁྲིད།
ཐུགས་བསྐྱེད་གསུམ་གྱི་གལ་ཆེའི་དགོངས་པ་ལ་བསྟོད།
གཞས་མ། བཞིན་བཟང་།
ཚིག་དང་གདངས་རྩོམ་མཁན། སོག་ཤོད་དར་རྒྱས།
བཀོད་སྒྲིག་པ། ཨ་མ་ལགས་མཱར་ཇོ། པ་ལགས་ཧྥེ་རིས། པད་དབྱངས། བཀྲ་ཤིས།
མདོ་སྔགས་ཀུན་ཕན་གླིང་གི་དགེ་བཤེས་བློ་བཟང་དར་རྒྱས་ལགས། ཁོ་ནིག་ཊི་ཁ་ཊི་ལྟེ་གནས། བསམ་གཏན་དོན་གྲུབ་ལགས། མིག་དམར་ཆུང་བདག་ལགས། ངག་དབང་མཚོ་མོ་ལགས་བཅས་སུ་ཐུགས་རྗེ་ཆེ་ཞུ།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: