We have visited Mont Saint-Michel Normandy France
Автор: Jigme Tenzin
Загружено: 2025-05-19
Просмотров: 71
Описание:
Mont Saint-Michel ཡི་ཤུའི་མཆོད་ཁང་ལ་ལོ་ངོ་ ༡༣༠༠ ལྷག་གི་རིང་ལོ་རྒྱུས་ཡོད་པ་དང་། Mont Saint-Michel གྱི་མིང་ལ་ཐོག་མར་ Mont Tombe ཞེས་འབོད་པར་གྲགས། ཕྱི་ལོ་ ༧༠༨ ལོར་ཡི་ཤུའི་ཕོ་ཉ་མཁའ་འགྲོ་མ་ Michael གྱི་རྨི་ལམ་གྱི་མཐོང་སྣང་དུ་ བླ་ཆེན་དམ་པ་ Saint Aubert མངོན་ནས་ཁོང་གི་མིང་ཐོག་ནས་མཆོད་ཁང་ཞིག་བསྐྲུན་དགོས་པའི་བཀའ་བཏང། ༩༦༦ ལོར་ Benedictines གྱི་ཚོགས་པ་ཞིག་གིས་རང་ཉིད་ཀྱི་ཆོས་ཁང་ཐོག་མ་དེ་བཞེངས།
དུས་མཚུངས་སུ་རི་བོའི་འོག་ཏུ་གྲོང་གསེབ་ཅིག་འཕེལ་རྒྱས་སུ་ཕྱིན་པ་དང་། གནས་སྐོར་བ་ཐོག་མ་རྣམས་ལ་སྣེ་ལེན་ཞུ་འགོ་ཚུགས་པ་རེད།་ གནས་མཇལ་བ་མང་དུ་ཕྱིན་པ་དང་བསྟུན་ནས་ཐོག་མའི་ལྷ་ཁང་དེ་ཆུང་རུ་ཆགས་ནས་གནས་ཐུབ་ཀྱི་མེད་པ་དང་། དུས་རབས་ ༡༡ པའི་བཟོ་སྐྲུན་པ་ཚོས་ཁོང་ཚོས་ཁོང་ཚོའི་བཟོ་སྐྲུན་གྱི་གྲུབ་འབྲས་ངོ་མ་ཞིག་འབུར་དུ་མངོན་དུ་བཅུག་ཡོད། ཁོང་ཚོས་རྡོ་རིང་གི་མཐའ་མའི་མཐའ་འཁོར་དུ་ཁང་མིག་བཞི་བསྐྲུན་པ་དང་། དེའི་སྟེང་ལ་ཆོས་ཁང་ཆེན་པོ་ཞིག་མ་བསྐྲུན་གོང་། དུས་རབ་ ༡༣ པའི་ནང་ Normandy དབང་དུ་བསྡུས་རྗེས་ཧྥ་རན་སིའི་རྒྱལ་པོ་ Philippe Auguste ཡིས་ཞལ་འདེབས་བརྒྱབ་པ་ལས་ཆོས་ཁང་ཆེན་པོ་དེ་འཕེལ་རྒྱས་ཀྱིས་བཟོ་སྐྲུན་ལེགས་པར་གྲུབ།
ཧྥ་རན་སིའི་ཆོས་ལུགས་དམག་འཁྲུག་གི་སྐབས་སུ་ལོ་བརྒྱ་ལྷག་གི་རིང་མཚོ་གླིང་དེ་དམག་འཁྲུག་འཐབ་ཇུས་ཀྱི་བཙན་རྫོང་ཏུ་གྱུར་ཡོད་། དུས་རབས་བཅུ་དགུ་པའི་ནང་རྒྱལ་ཁབ་ཀྱི་བཙོན་ཁང་ཞིག་ཏུ་གྱུར་པ་དང་། ཕྱིས་སུ་ལོ་རྒྱུས་ཀྱི་དྲན་རྟེན་ཞིག་དུ་གྱུར། དེང་སང་ UNESCO འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད་པས་ལོ་ལྟར་ཡུལ་སྐོར་བ་ས་ཡ་མང་པོ་སྣེ་ལེན་བྱེད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: