དྲག་ཆར་རླུང་འཚུབ་ཁྲོད་དུ་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་བརྩི།
Автор: Tibet Radio བོད་ཀྱི་རླུང་འཕྲིན།
Загружено: 2026-03-12
Просмотров: 2024
Описание: ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༧ པའི་དུས་དྲན་སྲུང་བརྩི་ཞུས་སོང་། དེ་དང་དུས་མཚུངས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་བཅས་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་གྱི་བསྒྲགས་གཏམ་ཞིག་སྤེལ་གནང་སོང་ལ། དེ་རིང་གི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐྱབས་རྗེ་ཀེའུ་ཚང་རིན་པོ་ཆེ་མཆོག་ནས་ཀྱང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་། བྱེ་བྲག་ཏུ་ཉེན་ཚབས་ཆེ་བའི་གནས་སུ་ལྷུང་བའི་བོད་ཀྱི་སྐད་ཡིག་མྱུར་སྐྱོབ་དགོས་པའི་འབོད་སྐུལ་ཡང་གནང་སོང་། །
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: