New Tibetan Song 2025/Rang Sem Zema/རང་སེམས་མཛེས་མ།/Sonam/Kunsang [Official Music Video]
Автор: Kunsang Lodoe
Загружено: 2025-02-11
Просмотров: 19451
Описание:
#New#gorshey#tibetanmusic#2025
༼རང་སེམས་མཛེས་མ།༽(Rang Sems Mdzes Ma)
Echoes Of Beauty Within
རང་གཤིས་བློ་ལ་མ་སོང་ན།།
ཇི་ཙམ་མཛེས་ཀྱང་མཛེས་མ་མིན།།
བློ་ལ་འབབ་པའི་མཛེས་མ་དེ།།
འགྱུར་བ་མེད་པའི་མཛེས་མ་ཡིན།།
རང་སེམས་ཤོར་བའི་རྒྱུ་མཚན་གྱིས།།
ལས་དབང་ཡིན་པ་ར་སྤྲོད་ཐུབ།།
བུ་མོ་ཐུགས་སེམས་བདེ་བོ་གནང་།།
ང་གཉིས་ལས་ལ་བསྐོས་པ་རེད།།
མཛེས་མ་ཐམས་ཅད་མཛེས་མ་མིན།།
རང་སེམས་མཛེས་མ་མཛེས་ཤོས་ཡིན།།
མིག་ཟུང་ནང་གི་མཛེས་མ་དེ།།
བློ་ལ་འབབ་དང་མི་འབབ་ཡིན།།
ལོ་མང་སོང་ཡང་བུ་མོ་ཁྱོད།།
བུ་ངའི་སེམས་པའི་ནང་ན་ཡོད།།
བུ་ངའི་བརྩེ་བ་དྭངས་མ་དེ།།
ནམ་ཡང་འགྱུར་བ་འགྲོ་མི་སྲིད།།
མཛེས་མ་བརྒྱ་ཕྲག་མང་པོའི་ཁྲོད།།
ཁྱེད་རང་གསལ་ཤོས་མཐོང་བ་དེ།།
སྔོན་གྱི་ལས་དབང་ཟབ་མོ་ཡིན།།
རང་སེམས་ཤོར་བའི་རྟེན་འབྲེལ་ཡིན།།
མཛེས་མ་ཐམས་ཅད་མཛེས་མ་མིན།།
རང་སེམས་མཛེས་མ་མཛེས་ཤོས་ཡིན།།
མིག་ཟུང་ནང་གི་མཛེས་མ་དེ།།
བློ་ལ་འབབ་དང་མི་འབབ་ཡིན།།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: