བཀའ་དབང་གསུང་ཆོས་ལེགས་པར་གྲུབ་གནང་།
Автор: Bokar Media
Загружено: 2025-11-30
Просмотров: 3059
Описание:
བཀའ་དབང་གསུང་ཆོས་ལེགས་པར་གྲུབ་གནང་བ།
བཀའ་དྲིན་མཚུངས་མེད་༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་ཞལ་སྔ་གནས་ཀྱིས་ད་ལན་བཤད་གྲྭ་རུ་སྐུ་ངལ་འོ་བརྒྱལ་ལ་མ་ལྟོས་པར། ཐུགས་བརྩེ་བ་ཆེན་པོས་ཉིན་བརྒྱད་ཀྱི་རིང་བཀའ་དབང་དང་། ལྗགས་ལུང་གསུང་ཆོས་བཀའ་དྲིན་བསྐྱངས་གནང་མཛད་པ་ལེགས་པར་གྲུབ་པའི་སྐུ་དྲིན་གཏང་རག་དང་། མགོན་པོ་གང་ཉིད་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་མགོན་དུ་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པར་གསོལ་བ་འདེབས་པའི་སླད། ད་ནངས་སྔ་དྲོའི་ཆར་༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་རྡོར་རྗེ་སློབ་དཔོན་ཀྱི་སྐུར་བཞེངས་ཏེ་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་། མཇུག་ཏུ་ཚོགས་ཀྱི་འཁོར་ལོ་ཟབ་རྒྱས་དང་བཅས་མཛད་རིམ་རྣམས་ལེགས་པར་གྲུབ་གནང་ཡོད་པ་རེད།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: