དགེ་བཤེས་ངག་དབང་སངས་རྒྱས་མཆོག་དཔལ་ལྡན་སྨད་བརྒྱུད་པའི་མཁན་པོའི་ཁྲི་སྟོན།
Автор: Dzongkar Choede Monastery
Загружено: 2023-10-14
Просмотров: 5488
Описание:
དེ་རིང་གཟའ་ཚེས་འབྱུང་འཕྲོད་དགེ་བའི་ ༼༢༠༢༣/༡༠/༡༤༽ ཉིན་འདི་ག་རྫོང་དཀར་ཆོས་སྡེ་གྲྭ་ཚང་འདི་ཉིད་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་མངའ་རིས་ཁང་ཚན་གྱི་དགེ་བཤེས་ལྷ་རམ་པ་རྗེ་བཙུན་ངག་དབང་སངས་རྒྱས་དཔལ་བཟང་པོ་མཆོག་གསང་ཆེན་བསྟན་པའི་མཛོད་འཛིན་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཐོག་ ༡༠༣ ལ་ཕེབས་པའི་ཁྲི་འདོན་རྟེན་འབྱུང་སྐལ་བཟང་གི་ཉིན་མོར་འདི་གའི་འདུས་མང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞིང་། དགེ་བའི་བཤེས་གཉེེན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་བསྟན་འགྲོའི་མཛད་བཟང་གོང་དུ་འཕེལ་བའི་སྨོན་འདུན་ཞུ།
རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །
རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །
བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི། །
འགྲོ་བའི་མུན་སེལ་རྟག་ཏུ་བརྟན་གྱུར་ཅིག །
https://www.facebook.com/100064571928...
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: