Lyrics of Tibetan song "Lhokar yidkyi metok" by Dorjee Tsetan and Dorjee Dolma.
Автор: Lyrical tibet
Загружено: 2026-02-06
Просмотров: 64
Описание:
Lyrics
ཤང་ཤང་་ཆུ་བོ་སྔོན་མོ།
བསིལ་བསིལ་རླུང་གིས་དེད་སོང།
དེ་འདྲའི་ཆུ་མོའི་རྒྱུགས་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང།
ཆུ་ལ་བཤད་པའི་སྙིང་གཏམ།
ཁྲ་ཆུང་ཉ་མོས་ཐོས་སོང།
བརྩེ་དུང་ཡིད་ཀྱི་མཆི་མ།
ཉ་མོའི་སྤྱན་ནས་བསིལ་བྱུང།
ནམ་མཁའི་སྤྲིན་པ་དཀར་བོ།
བསིལ་བོ་རླུང་གིས་ཁྱེར་སོང།
དེ་འདྲའི་སྤྲིན་པའི་འཁྱེར་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང
སྤྲིན་ལ་བསྐུར་པའི་སྙིང་གཏམ།
ཁྱེད་ཀྱི་པང་ལ་ཟགས་ནས།
བློ་དཀར་ཡིད་ཀྱི་མེ་ཏོག།
ཁྱེད་ཀྱི་པང་ནས་བཞད་བྱུང།
ཨ་་་་་ཨ་ཨ་ཨ་
སྙིང་སྡུག་ལགས་
ང་གཉིས་ཚེ་གྲོགས་བར་ལ།
དགོས་རྒྱུ་འདུན་པ་རྩེ་གཅིག།
མི་ཚེར་འགྱུར་བ་མེད་པ།
ཁྱེད་ཀྱིས་གནང་རོགས་གནོངས་དང།
ཆུ་ལ་བཤད་པའི་སྙིང་གཏམ།
ཁྲ་ཆུང་ཉ་མོས་ཐོས་སོང།
བརྩེ་དུང་ཡིད་ཀྱི་མཆི་མ།
ཉ་མོའི་སྤྱན་ནས་བསིལ་བྱུང།
ང་ཡི་བློ་དཀར་བརྩེ་དུང།
བུ་ཆུང་ཁྱོད་ཀྱིས་ཁྱེར་སོང།
དེ་འདྲའི་སེམས་པའི་འཕྲོག་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང།
ནམ་མཁའི་སྤྲིན་པ་དཀར་བོ།
བསིལ་བོ་རླུང་གིས་ཁྱེར་སོང།
དེ་འདྲའི་སྤྲིན་པའི་འཁྱེར་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང།
ཆུང་འདྲིས་སྙིང་སྡུག་ཁྱེད་ཀྱིས།
དེ་ལ་ཆོག་ཤེས་གནང་ནས།
དགའ་བའི་སྐྱེད་མོའི་ཚལ་ལ།
བུ་མོ་འཁྲིད་རོགས་གནང་དང།
ཨ་་་་་ཨ་ཨ་ཨ་
སྙིང་སྡུག་ལགས་
ང་གཉིས་ཚེ་གྲོགས་བར་ལ།
དགོས་རྒྱུ་འདུན་པ་རྩེ་གཅིག།
མི་ཚེར་འགྱུར་བ་མེད་པ།
ཁྱེད་ཀྱིས་གནང་རོགས་གནོངས་དང།
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: