Dedicated to Dudjom Yangsi Rinpoche. Offered Dechod at Yangleshot ( Asura Cave)
Автор: Hidden stories of Himalayas
Загружено: 2022-02-20
Просмотров: 25356
Описание:
རྒྱལ་བསྟན་སྤྱི་དང་། ཁྱད་པར་དུ་གསང་ཆེན་སྔ་འགྱུར་རྫོགས་པ་ཆེན་པོའི་བསྟན་པ་ལ་བཀའ་དྲིན་གཞལ་དུ་མེད་པ། རང་རེ་རྣམས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ཨོ་རྒྱན་མཧཱ་གུ་རུའི་རྒྱལ་ཚབ། གསང་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག བདུད་འཇོམས་གཏེར་གསར་བསྟན་པའི་སྲོག་ཤིང་མཚན་བརྗོད་པར་དཀའ་ཡང། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གསོལ་བ་བཏབ་ན་༧སྐྱབས་རྗེ་བདུད་འཇོམས་ཡང་སྲིད་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་མཆོག་རབ་གནས་ལྕགས་མོ་གླང་ལོ་བོད་ཟླ་ ༡༢ ཚེས་ ༡༣ ཉིན་རང་ཅག་གདུལ་བྱ་སྤྱི་མཐུན་གྱི་ལས་སྐལ་དམན་པའི་དབང་གིས་སྐུ་དངོས་ཀྱི་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་བསྟན་པས། རང་ཅག་ཞལ་སློབ་མ་ལུས་པ་མགོན་མེད་སྐྱོ་གདུང་གི་གནས་སུ་གྱུར་ཡང་བྱ་ཐབས་བྲལ། ༧མགོན་པོ་གང་གི་ཐུགས་དགོངས་ཟག་མེད་ཀྱི་ཀློང་དུ་རྫོགས་ཏེ་འོད་གསལ་ཆོས་སྐུའི་ཀློང་ནས་ཐུགས་རྗེའི་སྒྱུ་འཕྲུལ་གར་གྱི་རོལ་པ་སླར་ཡང་བདག་སོགས་གདུལ་བྱའི་མགོན་དུ་མྱུར་དུ་འཆར་བའི་གསོལ་འདེབས་སུ་༧མཆོག་སྤྲུལ་སངསརྒྱས་རིན་པོ་ཆེ་མཆོག་གི་དབུས། ནམ་མཁའ་ཁྱུང་རྫོང་འདུས་སྤྱི་སློབ་འབངས་ཡོངས་ནས་ཡང་ལེ་ཤོད་དུ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་མཛད་བཞིན་པའི་བརྙན་པར།
༧སྐྱབས་རྗེ་ཞི་བར་གཤེགས་པ་བདུད་འཇོམས་སངས་རྒྱས་པདྨ་བཞད་ པ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་བཞུགས་སོ། །
ཨོཾ་སྭསྟི། ། རབ་འབྱམས་རྩ་གསུམ་རྒྱལ་བ་སྲས་བཅས་དགོངས། །
བདག་ཅག་མོས་གུས་གདུང་བས་གསོལ་བ་འདེབས༎
བདུད་འཇོམས་སངས་རྒྱས་པདྨ་བཞད་པ་ཉིད༎
སྤྲུལ་བའི་སྐུ་མཆོག་མྱུར་དུ་སྟོན་དུ་གསོལ༎
ཅེས་པའང་སེ་ར་ལུང་བླ་མ་དཀོན་མཆོག་ཕྲིནལས་རྡོ་རྗེ་ནས་བསྐུལ་ངོར་སྤྲུལ་མིང་པདྨ་རིག་རྩལ་རྡོ་རྗེས་འཕྲལ་མར་གསོལ་བ་བཏབ་པ་དགེ ། ༎
Повторяем попытку...
Доступные форматы для скачивания:
Скачать видео
-
Информация по загрузке: